ང་ཚོའི་སྐོར།

ཁྱིམ་ཚང་བདུན་གྱིས་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ཕྱི་ལོ་༢༠༡༢ ལོའི་ཟླ་༡༢ ཚེ་༡༠ ནས་དབུ་འཛུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་འབོད་ཀྱིན་པར་བཀྲ་བསྟན་ཚང་པ་སངས་ལགས་དང་། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ་ཚང། བཀྲ་ཤིས་ཟླ་བ་ནང་མི། ཚེ་རིང་རྒྱལ་པོ་ནང་མི་བཅས་མཉམ་ཞུགས་ཐོག་ཁྱིམ་ཚང་བདུན་ཆགས་ཡོད་འདུག་ཅིང་། ཁྱིམ་ཚང་བདུན་གྱི་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་འགུལ་འདི་ཉིད་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་ཡོད།ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

༡༽༢༠༡༢ནས་༢༠༡༤ བར་གྱི་ལས་འགུལ་འགན་འཛིན་དང་ལས་འགུལ་བ་རྣམས། 
    ལས་འགུལ་འགན་འཛིན། ལྷུན་གྲུབ་ཚང་ཀརྨ་བཀྲིས་ཚེ་རིང་།     ལས་འགུལ་བ། སྟག་ཚང་དཀོན་ཅོག་ནང་མི། ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ ་རིང་ནང་མི།

༢༽༢༠༡༥ ལོའི་ལས་འགུལ་འགན་འཛིན་དང་ལས་འགུལ་བ། 

ལས་འགུལ་འགན་འཛིན། བཀྲ་བསྟན་ཚང་པ་སངས་། 
ལས་འགུལ་བ། སྟག་ཚང་དཀོན་ཅོག་ནང་མི། བཀྲ་བསྟན་ཚང་པ་སངས། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲིས་ལྷ་མོ་ནང་མི། ཡེ་ཤེས་ལྷ་མོ། 
༣༽ ༢༠༡༦ ལོའི་ལས་འགུལ་འགན་འཛིན་དང་ལས་འགུལ་བ། 
ལས་འགུལ་འགན་འཛིན། ངག་དབང་ཚང་ངག་དབང་དཔལ་ལྡན། 
ལས་འགུལ་བ། སྟག་ཚང་དཀོན་ཅོག་ནང་མི། བཀྲ་བསྟན་ཚང་པ་སངས། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲིས་ལྷ་མོ་ནང་མི། ཡེ་ཤེས་ལྷ་མོ། མི་ལིང་བཀྲིས་ཟླ་བ་ནང་མི། 
༤༽ ༢༠༡༧ ལོའི་ལས་འགུལ་འགན་འཛིན་དང་ལས་འགུལ་བ། 

ལས་འགུལ་འགན་འཛིན། སྟག་ཚང་ཆོས་སྒྲོན། 

ལས་འགུལ་བ། སྟག་ཚང་དཀོན་ཅོག་ནང་མི། བཀྲ་བསྟན་ཚང་པ་སངས། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་ཚང་བཀྲིས་ལྷ་མོ་ནང་མི། ཡེ་ཤེས་ལྷ་མོ། མི་ལིང་བཀྲིས་ཟླ་བ་ནང་མི། མདུན་ཆུ་ཚེ་རིང་རྒྱལ་པོ་ནང་མི། 

No comments:

Post a Comment